Friday 21 March 2014

མི་ཚང་མ་ལ་རང་གི་ལོ་རྒྱུས་རེ་ཡོད།

Everyone has a Story in Life མི་ཚང་མ་ལ་རང་གི་ལོ་རྒྱུས་རེ་ཡོད། 

A 24 year old boy seeing out from the train’s window shouted… “Dad, look the trees are going behind!” Dad smiled and a young couple sitting nearby, looked at the 24 year old’s childish behavior with pity, suddenly he again exclaimed…
 ཕོ་ལོ་ཉེར་བཞིར་ལོན་པའི་ཕོ་གཞོན་ཞིག་གིས་མེ་འཁོར་གྱི་སྒེའུ་ཁུང་ནས་ལྟ་ཞོར་ སྐད་བརྒྱབས་ཏེ། "ཨ་ཕ། ལྟོས་དང་། ཤིང་སྡོང་དེ་ཚོ་རྒྱབ་ཕྱོགས་སུ་འགྲོ་གིན་འདུག" ཤོད་དུས་ཨ་ཕ་རྒད་པོས་གད་མོ་བགད་ཙམ་བྱས། ཁོ་ཚོའི་འགྲམ་དུ་བསྡད་པའི་བཟའ་ཚང་གཉིས་ཀྱིས་ཕོ་ལོ་ཉེར་བཞིར་ལོན་པའི་གཞོན་པ་ དེའི་བྱིས་ཉམས་ལ་སྙིང་རྗེ་བའི་ཚུལ་ཀྱིས་བལྟས་བྱུང་།
 “Dad, look the clouds are running with us!” The couple couldn’t resist and said to the old man… 
ཡང་྄སྐྱར་ "ཨ་ཕ། ལྟོས་དང་། སྤྲིན་པ་ཡང་ང་ཚོའི་མཉམ་དུ་རྒྱུག་གིན་འདུག" བཤད་པས་བཟའ་ཚང་གཉིས་པོ་སྲན་མ་ཐུབ་པར་རྒད་པོ་དེར།
 “Why don’t you take your son to a good doctor?” 
"ཁྱེད་རང་གི་བུ་དེ་སྨན་པ་ཡག་པོ་ཞིག་ལ་ཅིའི་ཕྱིར་མ་བསྟན་ནམ།" འདྲི་དུས་ 
The old man smiled and said… “I did and we are just coming from the hospital, my son was blind from birth, he just got his eyes today. 
རྒད་པོ་དེས་གད་མོ་ཤོར་ཞོར "སྨན་པར་བསྟན་ཏེ་ད་ལྟ་རང་ངེད་གཉིས་སྨན་ཁང་ནས་ཕྱིར་ཡོང་བཞིན་པ་ཡིན། བུ་འདི་སྐྱེ་དུས་ནས་མིག་ལོང་བ་རེད། དེ་རིང་གཞི་ནས་ཁོའི་མིག་གིས་མཐོང་རྒྱུ་ཡོད་པ་བྱུང་སོང་།" ཞེས་བཤད།

Every single person on the planet has a story. Don’t judge people before you truly know them. The truth might surprise you. 
གོ་ལ་འདིའི་སྟེང་གི་མི་སྒེར་རེ་རེར་རང་རང་གི་ལོ་རྒྱུས་རེ་ཡོད། མི་ཞིག་ལེགས་པར་ངོ་མ་ཤེས་ན་དེ་ལ་སྡོམ་ཚིག་འགོད་མི་རུང་། དོན་དངོས་དེ་རྟོགས་ན་ཁྱེད་རང་ཧང་སངས་ངེས།
                                           ངག་ལྷུན་གྱིས་༢༠༡༤ཟླ༣ཚེས༡༩ཉིན་བསྒྱུར།

No comments:

Post a Comment