Potatoes, eggs, and coffee beans
ཞོ་ཁོག སྒོ་ང་དང་། ཚིག་ཇའི་(ཀོ་ཕིའི་)འབྲས་ཞིབ།
Once upon a time a daughter complained to her father that her life was
miserable and that she didn’t know how she was going to make it. She was
tired of fighting and struggling all the time. It seemed just as one
problem was solved, another one soon followed.
ཐེངས་མ་གཅིག་བུ་མོ་ཞིག་གིས་རང་གི་ཨ་ཕར་མི་ཚེ་ནི་ཧ་ཅང་དཀའ་ཚེགས་ཆེ་བས་མ་
འོངས་པར་མོས་མི་ཚེ་ཇི་ལྟར་སྐྱེལ་དགོས་ཚུལ་མི་ཤེས་པའི་སྐོར་སྨྲེ་ངག་བཏོན་པ་
རེད། རྟག་པར་འཐབ་རྩོད་བྱེད་དགོས་པས་ཐང་ཆད་ཅིང་།
མོ་ལ་མཚོན་ན་དཀའ་ངལ་གཅིག་བསལ་ཚར་ཙམ་ལ་ཡང་སྐྱར་དཀའ་ངལ་གཞན་ཞིག་གི་སྣེ་འགྲངས་
ཡོང་བ་ལྟར་སྣང་།
Her father, a chef, took her to the kitchen. He filled three pots with
water and placed each on a high fire. Once the three pots began to boil,
he placed potatoes in one pot, eggs in the second pot, and ground
coffee beans in the third pot.
མོའི་ཨ་ཕ་ནི་མ་བྱན་ཞིག་ཡིན།
ཁོས་རང་གི་བུ་མོ་ཐབ་ཚང་ལ་འཁྲིད་ནས་སྣོད་བུ་གསུམ་གྱི་ནང་ལ་ཆུ་བླུགས་ཏེ་མེ་ཚ་
པོ་སྤར་བའི་ཐབ་ཐོག་ཏུ་བཞག་པ་རེད།
གང་ཙམ་ནས་ཐབ་ཐོག་གི་ཆུ་ཁོལ་པ་དང་ཁོས་སྣོད་བུ་དང་པོའི་ནང་ལ་ཞོ་ཁོག་དང་།
གཉིས་པའི་ནང་ལ་སྒོ་ང་། གསུམ་པའི་ནང་ལ་ཀོ་ཕིའི་འབྲས་བུ་བཅས་བཏབས་པ་རེད།
He then let them sit and boil, without saying a word to his daughter.
The daughter, moaned and impatiently waited, wondering what he was
doing.
ཁོས་དེ་དག་ལེགས་པར་མ་ཚོས་མ་ཁོལ་བར་དུ་བུ་མོར་ཅི་ཡང་མ་ལབ་པར་བཞག
མོ་ནི་ངང་སྒུག་བྱེད་མ་ཐུབ་པར་ཉོབ་སྐད་འདོན་ཞིང་ཨ་ཕའི་བྱེད་སྟངས་ལ་ཡ་མཚན་
སྐྱེས་པར་གྱུར།
After twenty minutes he turned off the burners. He took the potatoes out
of the pot and placed them in a bowl. He pulled the eggs out and placed
them in a bowl.
He then ladled the coffee out and placed it in a cup. Turning to her he
asked. “Daughter, what do you see?”
དུས་ཚོད་སྐར་མ་ཉི་ཤུའི་རྗེས་སུ་ཨ་ཕས་ཐབ་མེ་བསད་ནས་ཞོ་ཁོག་དང་སྒོ་ང་གཉིས་པོ་
ཕོར་པ་རེ་རེའི་ནང་དུ་བཏོན་ཞིང་ཚིག་ཇ་དེ་ཇ་ཕོར་ཞིག་གི་ནང་བླུགས་ཏེ་མོའི་
ཕྱོགས་སུ་ཁ་འཁོར་ནས། "བུ་མོ ཁྱོད་ཀྱིས་གང་མཐོང་བྱུང་ངམ།" ཞེས་དྲིས།
“Potatoes, eggs, and coffee,” she hastily replied.
མོས་ལམ་སང་། "ཞོ་ཁོག་དང་སྒོ་ང་དང་། ཚིག་ཇ་བཅས་མཐོང་བྱུང་།" ཞེས་ལན་བཏབས།
“Look closer,” he said, “and touch the potatoes.” She did and noted that
they were soft. He then asked her to take an egg and break it. After
pulling off the shell, she observed the hard-boiled egg. Finally, he
asked her to sip the coffee. Its rich aroma brought a smile to her face.
"ཉེ་སར་བཅར་ནས་བལྟས་ཏེ་ཞོ་ཁོག་འདིར་ལག་པས་རེག་ཙམ་གྱིས་དང་"ཞེས་སྐུལ།
མོས་ཨ་ཕས་ལབ་པ་བཞིན་བྱེད་དུས་ཞོ་ཁོག་ནི་སོབ་སོབ་པོར་གྱུར་བ་ཚོར།
ད་དུང་ཨ་ཕས་སྒོ་ང་དེ་ཕྱིར་བཏོན་ཏེ་བཅག་ནས་ཕྱི་ཤུན་བཤུ་རུ་འཇུག་དུས་མོས་སྒོ་
ང་ནི་སྲ་གཟུགས་སུ་གྱུར་པ་ཤེས།
མཐའ་མར་མོ་ལ་ཚིག་ཇ་དེ་འཐུང་དུ་འཇུག་སྐབས་དེའི་དྲི་ཞིམ་གྱིས་མོའི་ངོ་ལ་འཛུམ་
མདངས་རྒྱས་སུ་བཅུག
“Father, what does this mean?” she asked.
"ཨ་ཕ། འདིས་ག་རེ་མཚོན་ནམ" ཞེས་མོས་དྲིས།
He then explained that the potatoes, the eggs and coffee beans had each
faced the same adversity– the boiling water.
However, each one reacted differently.
ཨ་ཕས་ཞོ་ཁོག་དང་སྒོ་ང་།
ཚིག་ཇའི་འབྲས་བུ་བཅས་གསུམ་ཀ་ཆུ་ཚ་བོ་དང་ཐུག་པ་གཅིག་པ་གཅིག་རྐྱང་རེད་དེ་ཡིན་
ནའང་དེ་དག་རེ་རེས་རང་རང་གི་རྣམ་འགྱུར་མི་འདྲ་བ་རེ་བསྟན་ཚུལ་འགྲེལ་བཤད་
བརྒྱབས།
The potato went in strong, hard, and unrelenting, but in boiling water,
it became soft and weak.
ཞོ་ཁོག་དེ་ཐོག་མར་སྲ་མོ་དང་མཁྲེགས་པོ་ཡོད་ནའང་ཆུ་ཚ་བོའི་ནང་དུ་དེ་ནི་སོབ་
སོབ་དང་། ནུས་མེད་དུ་གྱུར།
The egg was fragile, with the thin outer shell protecting its liquid
interior until it was put in the boiling water. Then the inside of the
egg became hard.
སྒོ་ང་དེ་ཆུ་ཚ་པོའི་ནང་མ་བཅུག་པའི་སྔོན་སྙི་མོ་དང་།
ཕྱིའི་སྒོང་ཤུན་གྱིས་ནང་ལོགས་ཀྱི་གཤེར་ཁུ་དེ་སྲུངས་ཡོད་པ་རེད།
ཡིན་ནའང་ཆུ་ཚ་པོའི་ནང་དུ་བཅུག་པའི་རྗེས་སུ་ནང་ལོགས་དེ་མཁྲེགས་པོར་གྱུར།
However, the ground coffee beans were unique. After they were exposed to
the boiling water, they changed the water and created something new.
འོན་ཀྱང་ཚིག་ཇའི་འབྲས་བུ་དེ་ནི་དམིགས་བསལ་བ་ཞིག་སྟེ།
ཆུ་ཚ་བོ་དང་འཕྲད་པའི་རྗེས་དེས་ནི་ཆུ་དེ་འགྱུར་བ་བཏང་ནས་ངོ་བོ་གསར་བ་ཞིག་
བསྐྱེད་པ་རེད།
“Which are you,” he asked his daughter. “When adversity knocks on your
door, how do you respond? Are you a potato, an egg, or a coffee bean? “
"ཁྱོད་རང་འདིའི་ནང་གི་གང་ཡིན་ནམ།" ཞེས་ཨ་ཕས་མོར་དྲིས།
"དཀའ་སྡུག་གིས་ཁྱེད་ཀྱི་སྒོ་མོ་རྡུང་དུས་དེ་ལ་རྣམ་འགྱུར་ཇི་ལྟར་སྟོན་རྩིས་
ཡོད། ཁྱོད་རང་ཞོག་ཁོག་དེ་དག་ཡིན་ནམ། སྒོ་ང་ཡིན།
ཡང་མིན་ན་ཚིག་ཇའི་འབྲས་ཞིབ་ཡིན་ནམ།"
Moral:
In life, things happen around us, things happen to us, but the only
thing that truly matters is what happens within us.
བསླབ་བྱ། མི་ཚེའི་ནང་ལ་ང་ཚོར་བྱུང་རྐྱེན་མང་པོ་དང་འཕྲད་ནའང་།
གནད་དོན་ངོ་མ་ནི་ང་ཚོ་རང་ཉིད་ལ་ཅི་ཞིག་བྱུང་མིན་དེ་ཡིན།
Which one are you?
ཁྱེད་རང་གོང་གི་དངོས་པོ་དེ་དག་གི་ནང་ནས་གང་ཞིག་ཡིན་ནམ།
་་་་་་་་་་་་ཕྱི་ལོ་༢༠༡༤ཟླ༣ཚེས༡༩ཉིན་ངག་ལྷུན་གྱིས་བསྒྱུར།